巴桑旺堆

人物简介:

ཁོང་ནི་གཞིས་ཁུངས་གཞིས་རྩེ་ཞོལ་ནས་ཡིན། པ་ཚབ་ཅེས་པ་ནི་ཁྱིམ་ཚང་གི་མིང་ལས་ཐོགས་པ་ལས་རུས་ཡིན་མིན་རྩད་ཁུངས་མ་ཆོད་ཅེས་གསུངས། བྱིས་པའི་དུས་སུ་མེས་པོ་ཕུར་བུ་ཚེ་རིང་དང་ཡབ་དམ་ཆོས་གཉིས་ཀྱི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་གཞིས་རྩེ་གེ་སར་ལྷ་ཁང་ས་སློབ་ཆུང་དང་། གཞིས་རྩེ་དམའ་རིམ་སློབ་འབྲིང་འགྲིམས། ༡༩༨༠ལོར་སྤྱི་ཚོགས་ནས་སྐྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་བསྡུ་བའི་རྒྱལ་ཡོངས་གཅིག་འགྱུར་གྱི་རྒྱུགས་ལེ་ལ་ཞུགས་པས་རྒྱུགས་འཕྲོད་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པའི་ལས་གནས་བཞེས། དེ་ནས་བཟུང་ལོ་དུས་ཕལ་ཆེ་བར་བོད་མིའི་གནའ་རབས་ཀྱི་ལོ་རྒྱུས་དང་རྡོ་རིང་ཡི་གེ བང་སོ། ཡིག་རྙིང་། ལོ་རྒྱུས་ས་མིང་སོགས་ཞིབ་འཇུག་ལ་གཞོལ།

藏族古代邦国、小邦、千户府及“域参”新考书籍相关信息


内容简介:

བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་སྐོར་ལ་་ལོ་རྒྱུས་ཡིག་ཆ་ཁག་ལ་ཞི་བཅོལ་ནས་ཞིབ་འཇུག་གནང་ཡོད།